ཨུ་རུ་སུའི་སྐད།
From Wikipedia, the free encyclopedia
ཨུ་རུ་སུའི་སྐད་русский языкནི་དེང་གི་སི་ལ་ཧྥི་མི་རིགས་ཀྱི་རིགས་རྒྱུད་ཅིག་གི་བེད་སྤྱོད་གཏོང་བཞིན་ཡོད་པའི་སྐད་རིགས་ཆེ་ཤོས་ཅིག་ཡིན་ལ། ་དེང་གི་ཨུ་རུ་སུ་གཙོ་བྱེད་པའི་དེའི་མཐའ་སྐོར་རྒྱལ་ཁབ་འགའ་ན་མ་ཉམས་བེད་སྤྱོད་གཏོང་བཞིན་ཡོད། ཨུ་རུ་སུ་སྐད་རིགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་སྤྱོད་གཏན་ཁེལ་ཡིག་རིགས་ཡིན་ལ། ཨུ་རུ་སུ་སྤྱི་དམངས་རྒྱལ་ཁབ་གྱི་གཞུང་ཕྱོགས་སྐད་རིགས་ཀྱང་ཡིན། ད་དུང་ཡང་སྤྱོད་མཁན་དང་སྤྱོང་མཁན་ཤིན་དུ་མང་ཕྱིར་འཛམ་གླིང་ཁྲོད་ཀྱི་བེད་སྤྱོད་གཏོང་མཁན་ཨང་བཞི་བའི་སྐད་རིགས་ཡིན། ཨུ་རུ་སུའི་སྐད་སྤྱོད་མཁན་གྱི་མི་གྲངས་འགྲོ་བ་མའི་སྤྱིའི་བརྒྱ་ཆའི་5.7ལ་སླེབས་ཡོད། ཨུ་རུ་སུའི་སྐད་ཡིག་ནི་རྒྱ་གར་དང་ཡོ་རོབ་སྐད་ཁོངས་ཁྲོད་ཀྱི་སི་ལ་ཧྥི་སྐད་རྒྱུད་ཁྲོད་ཀྱི་སི་ལ་ཧྥི་ཤར་མའི་སྐད་རིགས་ལ་གཏོགས།