ཡཱ་ཁོ་དང་ཝེ་ལེམ་.ཀོ་ལིམ།
From Wikipedia, the free encyclopedia
ཡཱ་ཁོ་དང་ཝེ་ལེམ་.ཀོ་ལིམ་སྤུན་ཟླ་གཉིས་ནི་སྐད་གྲགས་ས་སྟེང་ལ་ཁྱབ་པའི་འཇར་མན་གྱི་བྱིས་སྒྲུང་རྩོམ་པ་པོ་ཡིན། ༡༨༤༡ལོར་ཁོང་གཉིས་ལ་ཀོ་ལིམ་སློབ་གླིང་གི་ཡོན་ཧྲི་ཡི་གོ་འཕང་ཐོབ། ཁོང་གཉིས་དམངས་ཁྲོད་གཏམ་རྒྱུད་ལ་དགའ་ཞིང་ཐུན་མོང་དུ་བསྡུ་བསྒྲིགས་བྱས་པའི་༼བྱིས་པ་དང་ཁྱིམ་ཚང་གི་བྱིས་སྒྲུང་ཕྱོགས་བཏུས་༽ཞེས་པ་དེ་འཛམ་གླིང་ཀུན་ཏུ་ཁྱབ་ཡོད་ཅིང་། དེའི་ནང་གི་༼གངས་དཀར་སྲས་མོ་༽དང་། ༼ཞྭ་མོ་དམར་ཆུང་༽། ༼བུ་མོ་དབུལ་པོ་༽སོགས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ལོ་ཆུང་བྱིས་པ་ཚོའི་མིག་གི་དགའ་སྟོན་དུ་གྱུར་ཡོད།[1]