ཕུར་བུ།
From Wikipedia, the free encyclopedia
ཕུར་བུའི་དངོས་པོའི་གྲངས་ཚད་ནི་སའི་གོ་ལའི་ལྡབ་༣༠༠ལྷག་ཡོད། ཕུར་བུའི་མཐའ་འཁོར་དུ་གར་ཚད་ཆེ་བའི་རླུང་ཁམས་ཆེན་པོའི་བང་རིམ་ཡོད་པ་དང་། དེའི་ཐོག་གི་དམར་ཐིག་ཆེན་པོ་དེ་ནི་ཕུར་བུའི་རླུང་ཁམས་ཆེན་པོའི་ནང་གི་ཆུ་འཁོར་རྣམ་པའི་རླུང་འཚུབ་ལྟེ་གནས་ཤིག་ཡིན་པ་དེ་མ་མཐར་ལོ་ངོ་༤༠༠ལྷག་ལ་གནས་བསྡད་པ་རེད་ལ། ཆེ་ཆུང་དང་ཁ་མདོག་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་གི་ཡོད། ཕུར་བུའི་འཁོར་སྐར་དང་པོའི་ཐོག་ཏུ་མེ་རི་འཕྱུར་གྱི་ཡོད་པ་དང་། ད་རུང་མེ་རི་གསོན་པོའི་རྗེས་ཤུལ་ཡང་ཡོད་པ་རེད། ༡༩༧༩ལོར། ཕུར་བུའི་མཐའ་འཁོར་ན་ཕུརབུའི་གདུབ་གོར་སྲབ་མོ་ཞིག་ཡོད་པའང་རྟོགས་ཡོད།[1]