ཐའེ་ཧྲན་རི་བོ།
From Wikipedia, the free encyclopedia
ཐའེ་ཧྲན་རི་བོ་ནི་ལྷུན་པོ་ལྔའི་གཙོ་བོ་ཡིན། དེ་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་ཡོད་ཅིང་མཚོ་ངོས་ལས་མཐོ་ཚད་སྨིས་༡༥༢༤ཡོད། ཐའེ་ཧྲན་རི་བོ་ནི་ཧྭ་པེ་བདེ་ཐང་ཆེན་མོ་རུ་གནམ་གྱི་ཀ་བ་བཞིན་དུ་དགོང་ལ་ཟུག་ཡོད་པས་མཐོ་ཞིང་བརྗིད་པའི་ཉམས་ཀྱིས་ཕྱུག་ཡོད། ལོ་རྒྱུས་ཐོག་ཏུ་གོང་མ་རྒྱལ་པོ་མང་པོས་ཐའེ་ཧྲན་རི་བོར་ཞབས་ཀྱིས་བཅགས་ནས་མཚོད་གསོལ་མཛད་ཡོད་ལ། རྟེན་དང་བརྟེན་པ་མང་པོ་བཞེངས་ཡོད། ད་ལྷ་ཐའེ་ཧྲན་རི་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཉིས་ཀའི་ཤུལ་ནོར་ལ་གཏན་འབེབས་བྱས་ཡོད།[1]