ཏོག་དབྱིབས་ཡོངས་ཁྱབ་རིམས་ནད།
From Wikipedia, the free encyclopedia
ཏོག་དབྱིབས་ཡོངས་ཁྱབ་རིམས་ནད་ནི། ཏོག་དབྱིབས་ནད་དུག་ (COVID-19) འཛམ་གླིང་ཡོངས་ལ་ཁྱབ་གདལ་དུ་སོང་བ་ཞིག་ཡིན། འགའ་ཤས་ཀྱིས་ནད་འདིའི་སྐོར་ནས་བཤད་པ་ལྟར་ན་ (ནད་འདི་ (SARS-CoV-2) ལས་འབྱུང་[1] ཞིང་། འདིའི་གནོད་འཚེ་ཕོག་པའི་ནད་རྟགས་ཐོག་མ་དེ་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ནང་རྒྱ་ནག་ཧུ་བེའི་ཞིང་ཆེན་གྱི་ཝུ་ཧན་རྒྱལ་ས་ནས་གསར་རྙེད་བྱུང་།) ཟེར་བ་དེ་ནི་རྒྱུ་མཚན་ཆེན་པོ་མེད་པ་མ་ཟད། འདི་ནི་དེང་སྐབས་རྒྱལ་ཁབ་མང་པོས་བོས་ཧན་ནད་དུས་ཚོད་ལྟ་ཁང་P4 སྡེ་ཚན་ནས་ཕྱི་ལ་ཤོར་བར་དོགས་པ་བྱེད་པ་བཞིན། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་དུས་ལྟར་བརྟག་དཔྱད་བྱེད་རྒྱུ་རྒྱ་ནག་ལ་ཞུས་པ་ལྟར་ཆོག་ཆན་མ་ཐོབ་པར་ཟླ་ངོ་མང་པོར་ནར་འགྱིང་བྱས་པ་སོགས་ལ་བརྟག་ནས་དོགས་པ་ཟ་བ་ཆེ་རུ་སོང་ཡོད། འགོ་ནད་འདི་ལ་ཕྱི་ལོ་ ༢༠༢༠ ཟླ་བ་ ༠༣ ཚེས་ ༡༡ ཉིན་འཛམ་གླིང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ (WHO) ཀྱིས་ཡོངས་ཁྱབ་རིམས་ནད་ (Pandemic) དུ་ངོས་འཛིན་བྱས།[2] ཕྱི་ལོ་ ༢༠༢༠ ཟླ་བ་ ༠༣ ཚེས་ ༢༤ བར་ལ་ནད་ཡམས་འདི་རྒྱལ་ཁབ་བརྒྱ་དང་དགུ་བཅུ་ལྷག་ལ་ཁྱབ་གདལ་དུ་སོང་ཞིང་། འགོ་ནད་ཐེབས་པའི་མི་གྲངས་ ༣༧༨,༠༠༠ སུམ་འབུམ་བདུན་ཁྲི་བརྒྱད་སྟོང་བྱུང་བ་ལས། ཆིག་ཁྲི་དྲུག་སྟོང་བཞི་བརྒྱ་ ༡༦,༤༠༠ རྐྱེན་ལམ་དུ་གྱུར་ཅིང་། ནད་པ་ཆིག་འབུམ་ཆིག་ཁྲི་ ༡༠༡,༠༠༠ ལྷག་དྲག་སྐྱེད་བྱུང་ཡོད།[3][4]